AdobePhotoshopནི་ཆེས་དགའ་བསུ་ཐོབ་པའི་བྱེད་ནུས་ཆེ་བའི་པར་རིས་ལས་སྣོན་གཉེན་ཆས་ཀྱི་རིགས་ཤིག་ཡིན།
སྒྲོལ་མ་འཚོ་ལགས་ཀྱི་སྒྱུར།
AdobePhotoshopནི་Adobeཡི་ཁོངས་སུ་གཏོགས་པའི་ཆེས་སྐད་གྲགས་ཆེ་པའི་པར་རིས་ལས་སྣོན་གྱི་གཉེན་ཆས་རིགས་ཤིག་ཡིན།མི་མང་ཆེ་བ་ཞིག་གིསPHOTOSHOPཐད་ཀྱི་ངོས་འཛིན་སྟངས་ལ་པར་རིས་ལས་སྣོན་གྱི་གཉེན་ཆས་ལེགས་ཤོས་ཤིག་རྐྱང་རྐྱང་ལས།དེའི་བྱེད་ནུས་གཞན་དག་རྟོགས་ཐུབ་མེད།དོན་དངོས་སུ།Photoshopཡི་བྱེད་ནུས་ནི་ཤིན་ཏུ་ཁྱབ་ཆེ་ལ།པར་རིས་དང་འདྲ་གཟུགས།ཡིག་གཟུགས།བརྙན་རིས།དཔེ་སྐྲུན་ལ་སོགས་ཕྱོགས་མང་པོའི་ཐད་ལ་བེད་སྤྱོད་བྱས་ཆོག ངོས་མཉམ་རི་མོ་ཇུས་འགོད་འཕེལ་རྒྱས་ཀྱི་ལོ་རྒྱུས་དེ་ནི་མིའི་རིགས་འཕེལ་པའི་ལོ་རྒྱུས་ཀྱི་མགོ་ཁུངས་སུ་འདེད་ཆོག་ཏེ།མིའི་རིགས་ཀྱི་མེས་པོས་ཆེས་སྟབས་བདེ་པའི་བརྡ་རྟགས་དང་།ཡིག་གཟུགས་བཅས་སྤྱད་ནས་བྱ་དངོས་ལ་སོགས་ཟིན་ཐོར་འགོད་པ་དེ་ནི་།མིའི་རིགས་ཀྱི་ཆེས་རྨང་གཞི་དང་།ཆེས་གདོད་མའི་ངོས་མཉམ་རི་མོ་ཇུས་འགོད་ཀྱི་དཔེ་མཚོན་ཡིན།དང་ཐོག་དེ་ནི་མིའི་རིགས་ཀྱིས་དངོས་ཡོད་ཀྱི་དོན་ཞིག་གམ་མིང་ཞིག་མཚོན་ཆེད་ལས།སྒྱུ་རྩལ་དང་མཛེས་དཔྱོས་ཀྱི་ཆ་མི་གཏོགས་ལ།དེ་ཡང་མིའི་རིགས་ཀྱི་ཤེས་རིག་དཔལ་ཡོན་འཕེལ་རྒྱས་སོང་བ་དང་བསྟུན།མིའི་རིགས་ཀྱིས་སྒྱུ་རྩལ་དང་མཛེས་ཉམས་སོགས་བསྙེགས་པ་དང་འཚོལ་བཤེར་བྱེད་པ་དེ་རིམ་བཞིན་དུ་འཕེལ་ཕྱོགས་གཙོ་བོར་ཞིག་ཏུ་གྱུར།སྲོལ་རྒྱུན་གྱི་རི་མོ་འབྲི་མཁན་གྱིས་བགྲང་བྱ་བཅུ་ལྷག་གི་དཀའ་སྤྱད་སྦྱོང་བརྡར་ལས་ད་གཟོད་རི་མོ་འབྲི་པའི་ལག་རྩལ་དེ་ཁོག་ཏུ་ཆུད་ལ།ཁོང་ཚོས་སྨྱུ་གུ་དང་འབྲི་དེབ་བརྒྱུད་དེ་རང་ཉིད་ཀྱི་ལྐོག་གྱུར་གྱི་བསམས་གཞིགས་དེ་མངོན་པར་བྱས་ནས།རང་ཉིད་ཀྱིས་སྒྱུ་རྩལ་དང་མཛེས་བ་སོགས་ཐད་ཀྱི་ངོས་འཛིན་སྟངས་དེ་མཚོན་པར་བྱས་ཡོད།སྒྱུ་རྩལ་པ་ལས་ཕུད་པའི་མི་གཞན་དག་སོགས་ཀྱང་མཛེས་བར་བསྙེགས་པའི་དབང་ལྡན་པར་མ་ཟད།ཚད་ངེས་ཅན་ཞིག་གི་ལྷན་སྐྱེས་ཀྱི་གསར་གཏོད་ནུས་པ་དང་།འཚོ་བ་དང་སྒྱུ་རྩལ།མཛེས་པའི་བྱ་དངོས་སོགས་ལ་རང་ཉིས་ཀྱི་ཐུན་མིན་གྱི་ངོས་འཛིན་སྟངས་ཡོད་པ་རེད།དུས་ཡུན་རིང་པའི་སྦྱོང་བརྡར་བརྒྱུད་རྗེས་ད་གཟོད་ཁོག་ཏུ་ཆུད་ཐུབ་པའི་རྩལ་ནུས་དེ་དག་ནི་མི་མང་ཆེ་བ་ཞིག་གིས་སྒྲུབ་ཐུབ་པ་ཞིག་ག་ལ་ཡིན།ཡིན་ཡང་གློག་ཀླད་ཀྱིས་མི་རྣམས་ཀྱི་ཕུགས་བསམ་དེ་དག་མངོན་འགྱུར་བྱས་ཡོད།
གློག་ཀླད་གསར་གཏོད་བྱས་མ་ཐག་དེ་ནི་ཚན་རིག་ཞིབ་འཇུག་ལས་ཁུངས་དག་གིས་ཚན་རིག་གི་སྒོ་ནས་རྩིས་རྒྱག་བྱེད་ཀྱི་ལག་ཆ་རྐྱང་རྐྱང་ཞིག་རེད།དེ་ཡང་གཟུགས་ཆེ་བ་དང་རིན་མཐོ་བ།བེད་སྤྱད་པར་རྙོག་འཛིང་ཆེ་བ་བཅས་ཀྱི་སྐྱོན་ལྡན་ལ།དེ་ནས་དུས་རབས་༥༠ནས་༧༠དུ།ཚན་རིག་པ་འགའ་ཞིག་སྟེ་དཔེར་ནNollདང་།Harman、Knowton Nakeསོགས་ཀྱིས་གློག་ཀླད་ཀྱི་སྒྲིག་རིམ་སྐད་བརྡ་སྤྱད་ནས་གློག་ཀླད་ཀྱིས་པར་རིས་དང་འདྲ་གཟུགས་སོགས་ལས་སྣོན་བྱེད་པའི་སྐོར་ཞིབ་འཇུག་བྱས།ཞིབ་འཇུག་གི་བརྗོད་བྱ་མང་ཆེ་པ་ནི་གཟུགས་རིས་གྲུབ་པའི་རྩ་བའི་རིགས་པར་འཚོལ་ཞིབ་བྱེད་པ་ཡིན་ལ།དཔེར་ན།གོ་རིམ་ཇི་ལྟར་བསྒྲིག་ཏེ་གློག་ཀླད་ཀྱི་གཉིས་འཕར་བརྩི་ལུགས་ཀྱི་ཚབ་གྲངས་དེ་གཞི་ཐིག་གམ་ཡང་ན་ཟུར་གསུམ་དབྱིབས་ལ་སོགས་པའི་སྟབས་བདེ་པའི་དབྱིབས་རྩིས་རི་མོ་ཞིག་ཏུ་མཚོན་པར་བྱེད་པ་སོགས་ལྟ་བུ།དུས་རབས་༧༠དུ།མི་སྒེར་གློག་ཀླད་PCབྱུང་བ་དེས།གློག་ཀླད་ཀྱི་བོང་གཟུགས་དེ་ཆུང་རུ་བཏང་ཡོད་ལ།རིན་གོང་ཡང་མར་ཆག་པར་བྱས་ཡོད།ངོས་མཉམ་གཟུགས་རིས་ཀྱི་ལག་རྩལ་ཇེ་ལེགས་སུ་གྱུར་བ་དང་བསྟུན།གློག་ཀླད་ཀྱི་སྒྱུ་རྩལ་ཇུས་འགོད་དུངས་མཁན་དག་ལ་ཡང་ཆ་རྐྱེན་དང་གོ་སྐབས་མང་པོ་ཞིག་བསྐྲུན་ཡོད།རྙོག་འཛིང་ཅན་གྱི་ཚབ་རྟགས་གྱི་གོ་རིམ་མ་བྲིས་རུང་གང་འདོད་ལྟར་སྒྱུ་རྩལ་ཇུས་འགོད་བྱེད་ཐུབ་པར་བྱས།དུས་རབས་བརྒྱད་བཅུའི་ལོ་ངོ་བཅུ་ཡི་རིང་ལ།གློག་ཀླད་ཀྱི་དར་ཁྱབ་དང་བསྟུན།
གློག་ཀླད་ཀྱི་ཅོག་ངོས་སུ་པར་སྒྲིག་དང་(Desk Top Publishing,DTP)གྲངས་ཀ་སྔོན་དུ་དཔར་པའི་ལས་རིགས Prepressཡང་མྱུར་དུ་འཕེལ་ནས།གློག་ཀླད་ཀྱི་ཕྱིར་གཏོང་དེ་ལ་ངོ་གདོང་གསར་བ་ཞིག་མངོན་ཡོད།སྒྲིག་ཆས་ཆེད་ལས་ཅན་བཀོལ་ཏེ།པར་རིས་དེ་གློག་ཀླད་ནས་ཕྱིར་གཏོང་སྐབས་ཀྱི་ཞིབ་ཚད་དང་།ཡང་དག་པའི་ཚད།མཛེས་ཉམས་ཀྱི་ཚད་དག་གིས་འདྲ་པར་དང་དོ་ཟླ་འགྲན་ནུས་བར་མ་ཟད།ཕྱོགས་འགའ་ཞིག་ལས་འདྲ་པར་ལས་ཀྱང་ལེགས་པའོ།
དྲ་ངོས་ཀྱི་མོས་ཐང་བོད་ཡིག་ཡིག་གཟུགས་ཆེ་རུ་གཏོང་ཐབས།
[རྩོམ་གྱི་ཡོང་ཁུངས། བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ།] [རྩོམ་པ་པོ། གླིང་སྨྱོན།] [སྤེལ་དུས། 2012-03-19] [ཀློག་གྲངས། 683]
དུས་རྒྱུན་འཚོ་བའི་ནང་ཝེ་ཁེ་རིག་མཛོད་ཀློག་པའམ་ཡང་ན་གྷོ་གྷོལ་ནང་བོད་ཡིག་གིས་བཤེར་འཚོལ་བྱེད་པ། སི་ན་པོད་འཕྲིན་(新浪微博)ནང་བོད་ཡིག་སྤེལ་དུས་སུ་མོས་ཐང་སྒྲིག་བཀོད་ནི་ཕྲ་མཉེན་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་(Microsoft Himalaya)ཡིན་པས་ཤིན་ཏུ་ཆུང་དྲགས་ནས་མིག་ལ་ངལ་དུབ་བཟོ་བཞིན་ཡོད། གཤམ་གྱི་དཔེ་རིས་ལྟར།
དུས་རྒྱུན་འཚོ་བའི་ནང་ཝེ་ཁེ་རིག་མཛོད་ཀློག་པའམ་ཡང་ན་གྷོ་གྷོལ་ནང་བོད་ཡིག་གིས་བཤེར་འཚོལ་བྱེད་པ། སི་ན་པོད་འཕྲིན་(新浪微博)ནང་བོད་ཡིག་སྤེལ་དུས་སུ་མོས་ཐང་སྒྲིག་བཀོད་ནི་ཕྲ་མཉེན་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་(Microsoft Himalaya)ཡིན་པས་ཤིན་ཏུ་ཆུང་དྲགས་ནས་མིག་ལ་ངལ་དུབ་བཟོ་བཞིན་ཡོད། གཤམ་གྱི་དཔེ་རིས་ལྟར།
གནད་དོན་དེ་ལྟ་བུ་སེལ་དགོས་ན། ཐོག་མར་རང་ཉིད་ཀྱི་རྩིས་འཁོར་ནང་བོད་ཡིག་གི་ཡིག་གཟུགས་གཞན་ཞིག་སྒྲིག་འཇུག་བྱེད་དགོས། དེང་སྐབས་དྲ་ངོས་སུ་ཐད་ཀར་ཕབ་ལེན་རུང་བའི་གཅིག་གྱུར་ཨང་སྒྲིག་ཅན་གྱི་བོད་ཡིག་གི་ཡིག་གཟུགས་ཤིན་ཏུ་མང་པོ་ཐོན་བཞིན་ཡོད་ལ། རང་ཉིད་ཀྱི་འདོད་མོས་ལྟར་ཆེ་ཆུང་ཚད་དང་རན་པ་ཞིག་སྒྲིག་འཇུག་བྱེད་པ། དཔེར་ན་ཇོ་མོ་གླང་མའི་ཡིག་གཟུགས་ལྟ་བུ། ཡིག་གཟུགས་དེ་ཕབ་ལེན་བྱེད་ས། http://bo.tibetitw.com/article/download/Qomolangmafont.htmlཡིག་གཟུགས་སྒྲིག་འཇུག་ཚར་རྗེས་དྲ་ངོས་སུ་བསྐྱོད་པ། དྲ་ངོས་བཤར་ལྟ་ཆས་ལ་རིགས་མི་འདྲ་བ་མང་པོ་ཡོད་མོད། དུས་རྒྱུན་ང་ཚོས་སྤྱོད་བཞིན་པའི་དྲ་ངོས་བཤར་ལྟ་ཆས་ནི Internet Explorer(IE) དང་། Mozilla Firefox(མེ་ཝ)། Google Chrome། ཀུ་ཤུའིSafariསོགས་རེད། དེ་དག་ལས་རབ་གསལ་ལམ་སྒེའུ་ཁུང་(Windows)ཁྲོད་ཁྱབ་རྒྱ་ཆེ་ཤོས་ནི Internet Explorer(IE) ཡིན་སྟབས་ང་ཚོས་དེའི་སྟེང་ནས་ངོ་སྤྲོད་བྱ།
ཡོ་བྱད་ཅེས་པ་དེ་མནན་པ།
Internet འདེམས་བྱང་ཅེས་པ་དེ་མནན་པ།
ཡིག་གཟུགས་ཅེས་པ་དེ་མནན་པ།
ཡིག་རྟགས་ཚོགས་འདེམས་བྱང་ཁྲོད་ཀྱི་བོད་ཡིག་སྟེང་བསྐྱོད་པ།
དྲ་ངོས་ཡིག་གཟུགས་ཁྲོད་ཀྱི་བོད་ཡིག་གི་ཡིག་གཟུགས་འདེམས་ཚར་རྗེས་གཏན་འཁེལ་བྱེད་པ།
མཇུག་མཐར་གཏན་འཁེལ་བྱེད་རྒྱུ་མ་བརྗེད།